谢旦贴吧
“藏区最大的微信自媒体之一,32万同胞共同关注”
|歌曲上线 | 歌手宣传 | 品牌推广 | 广告合作|
♪
昂旺扎西VS昂旺曲周 -《朋友》
གྲོགས་པོ།
གཞས་ཚིག/ལོ་མ་དམར་པོ།
གཞས་གདངས། /བློ་གསལ།
གཞས་པ། /ངག་དབང་བཀྲ་ཤིས།
ངག་དབང་ཆོས་འགྲུབ།
བརྩེ་བ་ཞིག་སེམས་ལ་སྦྱིན་མཁན།
དུང་བ་ཞིག་ཞེ་ལ་བསྐྲུན་མཁན།
བརྩེ་དུང་གི་ཉི་ཟླའི་རི་མོ།
དྭངས་གཙང་གི་སེམས་ཀྱི་མཁའ་རུ།
འགྱུར་མེད་གཏན་དུ་བཀོད་མཁན་ཁྱོད་རང་ཡིན།
སྤོབས་པའི་ལ་རྒྱ་སྩོལ་མཁན་ཁྱོད་རང་ཡིན།
ལས་ཀྱི་དགའ་ཡ་སྐྱོ་གྲོགས་ཁྱོད་རང་ཡིན།
གྲོགས་པོ་ལགས། གྲོགས་པོ་ལགས།
བརྗེད་མེད་སེམས་ཀྱི་གཏིང་གི་གྲོགས་པོ་ཁྱོད་རང་ཡིན་ནོ།།
ངའི་སེམས་ཀྱི་སྐར་ཆེན་དེ་ཁྱོད་ཡིན།
ཨོ་་་་་སེམས་ཀྱི་གྲོགས་པོ།
བརྩེ་བ་ཞིག་འདབ་ཁ་གྲོལ་སོང་།
དུང་བ་ཞིག་ཟེའུ་འབྲུ་སྨིན་སོང་།
བརྩེ་དུང་གི་སྐྱིད་མོའི་ཚལ་ལ།
གསེར་སྦྲང་དང་གཡུ་སྦྲང་འཁོར་སོང་།
བརྩེ་འདང་ལོངས་སུ་སྤྱོད་མཁན་ཁྱོད་རང་ཡིན།
དུངས་ཞེན་མངར་ཁ་དྭངས་མོ་ཁྱོད་རང་ཡིན།
རེ་སྨོན་གཤོག་ཟུང་གཉོམ་པོ་ཁྱོད་རང་ཡིན།
གྲོགས་པོ་ལགས། གྲོགས་པོ་ལགས།
མི་འགྱུར་སེམས་ཀྱི་མེ་ཏོག་འདབ་ལྡན་ཁྱོད་རང་ཡིན་ནོ།།
ངའི་སེམས་ཀྱི་མེ་ཏོག་དེ་ཁྱོད་ཡིན།
ཨོ་་་་་སེམས་ཀྱི་གྲོགས་པོ།
སྲིད་དོན་དང་སྐད་ཡིག་ལ་སྣང་འཇོག་མི་བྱེད་མཁན་གྱི་མི་དེ་ལ། བདེ་སྐྱིད་དང་སྡུག་བསྔལ་གྱི་སྐོར་གླེང་ས་མེད།
谢旦贴吧商务合作微信:w2006cq(非公勿扰)
艺人投稿邮箱:287980962@qq.com
点击右下方的“写留言”可以与我们互动哦!